COVID-19 ཡིས་སྔོན་འགོག་སྨན་ཁབ།

ང་ཚོས་ཨོ་སི་ཊོ་ལི་ཡའི་སྤྱི་ཚོགས་ནང་འཚོ་གནས་བྱེད་པའི་མི་ཚང་མ་ལ་སྔོན་འགོག་སྨན་ཁབ་རྒྱག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། འདི་ནི་འཕྲོད་བསྟེན་སློབ་སྟོན་ཞིག་ཡིན།

COVID-19 ཡི་སྔོན་འགོག་སྨན་ཁབ་ནི་གཤམ་དག་འཚུད་པའི་ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་མི་ཚང་མའི་ཆེད་རིན་མེད་ཡིན།:

  • ཨོ་སི་ཊོ་ལི་ཡའི་མཐོང་མཆན་འཛིན་མཁན།
  • ཕྱི་རྒྱལ་ལྟ་སྐོར་བ།
  • རྒྱལ་སྤྱི་སློབ་ཕྲུག
  • ཡུལ་སྤོས་ལས་མི།
  • སྐྱབས་བཅོས་ཞུ་མི་དང་།
  • ནུས་ལྡན་མཐོང་མཆན་མི་འཛིན་མཁན།

ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་མི་རྣམས་ལ་སྔོན་འགོག་སྨན་ཁབ་རྒྱག་སྐབས། ཁོང་ཚོའི་ཡུལ་སྤོས་སམ་མེ་སེར་ཐོབ་ཐང་གནས་བབ་སྐོར་གྱི་ཆ་འཕྲིན་ཕྱོགས་བསྡུ་བྱེད་ཀྱི་མེད།

COVID-19 ཡི་རིན་མེད་སྔོན་འགོག་སྨན་ཁབ་ཞིག་རག་པར། ཁྱེད་ཉིད་ Medicare ཆེད་འོས་ཆོས་ལྡན་པ་འམ་ཐོ་འགོད་བྱེད་དགོས་མེད། ཁྱེད་ལ་ Medicare བྱང་བུ་ལྡན་མི་དགོས་པའི་སྨན་དཔྱད་ཁང་ཞིག་འཚོལ་བར། COVID-19 Vaccine Eligibility Checker (COVID-19 ཡི་སྔོན་འགོག་སྨན་ཁབ་ཀྱི་འོས་ཆོས་ཞིབ་བཤེར་)བེད་སྤྱོད་བྱ།

ཁྱེད་ཀྱི་སྐད་ཡིག་ནང་ COVID-19 ཡི་སྔོན་འགོག་སྨན་ཁབ་སྐོར་གྱི་ཞིབ་ཕྲའི་ཆ་འཕྲིན་ཆེད། COVID-19 vaccine information in your language (ཁྱེད་ཀྱི་སྐད་ཡིག་ནང་ COVID-19 ཡི་སྔོན་འགོག་སྨན་ཁབ་སྐོར་གྱི་ཆ་འཕྲིན་)སྟེང་བསྐྱོད།

དངོས་འབྲེལ་གནད་དོན།