དོ་བདག་དང་ཁྱིམ་ཚང་ཆེད།

གནས་དབྱུང་མེད།

མངའ་སྡེ་དང་ས་ཁུལ་གཞུང་གིས་གནས་དབྱུང་དག་ཟླ་བ་དྲུག་རིང་བདག་བཟུང་བྱེད་པ་ཡིན། ཁང་བདག་དང་གཡར་མཁན་དག་ལ་དུས་ཐུང་གྲོས་མཐུན་སྐོར་སྐད་ཆ་བཤད་པའི་སྐུལ་མ་བྱེད་ཀྱི་ཡོད། ཞིབ་ཕྲ་ཆེད་སོ་སོའི་མངའ་སྡེ་འམ་ས་ཁུལ་གཞུང་ལ་འབྲེལ་གཏུག་བྱ།

རྒས་ཡོལ་ཚོའི་ཆེད་ཕྱིར་འཐེན་གོང་ཚད་ཀྱི་ཉུང་མཐའི་གདམ་ག

ཏོག་དབྱིབས་གཉན་རིམས་རྐྱེན་པས་དཔལ་འབྱོར་ཁྲོམ་རའི་ནང་གྱོང་གུད་ཚབས་ཆེན་ཕོག་པ་དག་ཆུང་དུ་གཏོང་བའི་རོགས་པ་བྱེད་པར། ཐོ་ཁོངས་གཞིར་བཞག་གི་རྒས་ཕོགས་དང་ཕྱོགས་མཚུངས་ཐོན་རྫས་དག་གི་ཆེད་ཉུང་མཐའི་ཕྱིར་འཐེན་དགོས་མཁོ་དེ་ཕྱི་ལོ་ ༢༠༡༩-༢༠ དང་ ༢༠༢༠-༢༡ ལོའི་ཡོང་འབབ་སྟེང་བརྒྱ་ཆ་ ༥༠ ཡིས་ཉུང་དུ་བཏང་ཡོད།

ཞིབ་ཕྲའི་ཆ་འཕྲིན་ཆེད། www.ato.gov.au/drawdownསྟེང་བསྐྱོད།

ལས་སྲུང་རིན་སྤྲོད།

གཞུང་གི་ལས་སྲུང་རིན་སྤྲོད་ནི་ཏོག་གཉན་རིམས་ (ཏོག་དབྱིབས་གཉན་རིམས་-༡༩) རྐྱེན་པས་གནོད་སྐྱོན་ཤུགས་ཆེ་ཕོག་པའི་ཚོང་ལས་དག་གི་ཆེད་འཕྲལ་སེལ་གྱི་འཚོ་སྣོན་རོགས་དངུལ་ཞིག་ཡིན།

འོས་བབས་ལས་བདག་དང་སྒེར་རྐྱང་ཚོང་གཉེར་བ། དེ་བཞིན་ངོ་བོ་གཞན་དག་གིས་སོ་སོའི་འོས་བབས་ལས་མི་དག་གི་ཆེད་ལས་སྲུང་རིན་སྤྲོད་རག་པའི་སྙན་ཞུ་རྒྱག་ཆོག འདི་ནི་བུན་ལྷག་སྤྲོད་འཇལ་བསྡད་པའི་ལས་བདག་རྣམས་ལ་ཟླ་རེར་ཨེ་ཊི་ཨོ་ཡིས་སྤྲོད་པ་ཡིན།

ཚོང་ལས་དག་གིས་ BusinessPortal བརྒྱུད་ནས་ལས་སྲུང་རིན་སྤྲོད་ཆེད་ཐོ་འགོད་བྱེད་ཆོག གལ་ཏེ་ཁོང་དག་སྒེར་རྐྱང་ཚོང་གཉེར་བ་ཡིན་ན། ཨེ་ཊི་ཨོ་དྲ་ཐོག་ཞབས་ཞུ་དག་ནང་ myGov བེད་སྤྱོད་བྱེད་པའམ། དེབ་སྐྱེལ་ཟིན་པའི་ཁྲལ་འམ་བི་ཨེ་ཨེས་ངོ་ཚབ་ཁང་བརྒྱུད་ནས་ཐོ་འགོད་བྱ།

ལས་སྲུང་རིན་སྤྲོད་སྐོར་གྱི་ཆ་འཕྲིན་ཆེད། www.ato.gov.au/JobKeeper སྟེང་བསྐྱོད།

ལས་ཀ་བཟོ་མཁན་གླས་ཡོན།

ལས་ཀ་བཟོ་མཁན་གླས་ཡོན་འཆར་གཞི་འདི་ནི་ལོ་ ༡༦-༣༥ དབར་ཡིན་པའི་ན་གཞོན་ལས་ཀ་འཚོལ་མཁན་འཕར་མ་རྣམས་ལས་ཀར་འཇུག་ཆེད་ཚོང་ལས་དག་གི་སྐུལ་སློང་ཞིག་ཡིན།

འོས་བབས་ལས་བདག་རྣམས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་བཅུ་པའི་ཚེས་ ༧ ནས་ཕྱི་ལོ་ ༢༠༢༡ ཟླ་བཅུ་པའི་ཚེས་ ༦ དབར་གླས་པའི་འོས་བབ་ལས་བྱེད་འཕར་མ་རེ་རེའི་ཆེད་ལས་ཀ་བཟོ་མཁན་གླས་ཡོན་ལྟ་སྤྱོད་བྱེད་ཆོག

ལྷག་དོན་ཆ་འཕྲིན་ཆེད། www.ato.gov.au/jobmakerhiringcredit སྟེང་གཟིགས།

སྒྲིག་སྲོལ་དེ་ཉེན་ཁ་མེད་པ་དང་དྲང་པོ་ཉར་བ།

ཁྱེད་ལ་མགོ་སྐོར་གཏོང་སྟེ་ཁྱེད་ཀྱི་སར་ནས་དངུལ་བླངས་པའམ་ཁྱེད་ཀྱི་སྒེར་གྱི་ཆ་འཕྲིན་སྤྲོད་དུ་འཇུག་པའི་གཡོ་ཟོལ་དག་ནས་དྭོགས་ཟོན་བྱ།

གཡོ་ཟོལ་བ་དག་གིས་ཡང་ཡང་ཨོ་སི་ཊོ་ལི་ཡའི་ཁྲལ་བབ་ལས་ཁུངས་ (ཨེ་ཊི་ཨོ།) ལྟ་བུའི་ཡིད་བརྟེན་འཕེར་བའི་ཚོགས་པ་དག་ནས་ཡིན་ཁུལ་བྱེད་པ་ཡིན། གལ་ཏེ་ཁྱེད་ཀྱིས་ཨེ་ཊི་ཨོ་འབྲེལ་བ་དེ་ངོ་མ་ཡིན་མིན་ངེས་བརྟན་མེད་ན། ལན་འདེབས་མ་བྱེད། ཁྱེད་ཀྱིས་ཨེ་ཊི་ཨོ་གཡོ་ཟོལ་རོགས་རམ་ཨང་གྲངས་ ༡༨༠༠ ༠༠༨ ༥༤༠ སྟེང་ཁ་པར་གཏོང་བའམ། ལྷག་དོན་ཆ་འཕྲིན་ཆེད་ www.ato.gov.au/scams སྟེང་བསྐྱོད།

གཞུང་གི་རིན་སྤྲོད་དང་ཞབས་ཞུ་དག

ཁྱེད་ལ་སེན་ཊར་ལིངྒ་རིན་སྤྲོད་འབྱོར་མེད་ནའང་། ཨོ་སི་ཊོ་ལི་ཡའི་ཞབས་ཞུ་དག་གིས་ཁྱེད་ལ་དཔལ་འབྱོར་ཐོག་ནས་རོགས་པ་བྱེད་ཐུབ་སྲིད་པ་ཡིན། ཁྱེད་ཀྱིས་ཞབས་ཞུ་ལྟེ་གནས་ཞིག་ཏུ་བསྐྱོད་དགོས་མེད། ཁྱེད་ཀྱིས་ང་ཚོའི་རང་མི་རང་ལས་ཞབས་ཞུའི་གདམ་ག་དག་བེད་སྤྱོད་བྱེད་ཆོག ཁྱེད་ཀྱིས་སྤྱི་ཚོགས་ཞབས་ཞུ་བ་ཞིག་ཀྱང་བེད་སྤྱོད་བྱེད་ཆོགགལ་ཏེ་ཁྱེད་རང་སྔ་ས་ནས་ཚོང་ཤག་ཞིག་ཡིན་ན། ཏོག་དབྱིབས་གཉན་རིམས་ (ཏོག་དབྱིབས་གཉན་རིམས་-༡༩) རྐྱེན་པས་ང་ཚོའི་རིན་སྤྲོད་དང་ཞབས་ཞུ་དག་གི་སྟེང་སྒྱུར་བཅོས་ཕྱིན་ཡོད། སྐད་ཡིག་གཞན་དག་གི་ནང་ཆ་འཕྲིན་མང་བའི་ཆེད། servicesaustralia.gov.au/covid19 སྟེང་བསྐྱོད།

དངོས་འབྲེལ་གནད་དོན།