མི་རིགས་འཐེན་ཁྱེར་ལ་ཁས་ལེན་མེད།

གལ་ཏེ་ཁྱེད་ཀྱིས་མི་རིགས་དབྱེ་འབྱེད་དམ་བརྙས་བཅོས། སྡང་འཛིན་བྱེད་པ་མཐོང་བའམ་མྱོང་བ་ཡིན་ན། དེ་ལ་བཟོད་སྒོམ་མ་བྱེད། དེ་ཞུ་གཏུག་རྒྱག

གལ་ཏེ་ཁྱེད་རང་མི་རིགས་དབྱེ་འབྱེད་གཤིས་སྤྱོད་ཀྱི་གནོད་ཡུལ་ཡིན་ན།

  • གལ་ཏེ་ཁྱེད་ལ་གནོད་འཚེ་སྒོ་ནས་དྲག་རྒོལ་ལམ་འཇིགས་སྐུལ་བྱས་ཡོད་ན། ཉེན་རྟོག་པ་ལ་འབྲེལ་གཏུག་བྱ།
    • ཛ་དྲག་གམ་ཚེ་སྲོག་ཉེན་ཁ་སྐབས། ཀླད་ཀོར་གསུམ་ཅན་ (000) ལ་ཁ་པར་གཏོང་སྟེ་ཉེན་རྟོག་པ་སྐད་གཏོང་།
    • གལ་ཏེ་ཁྱེད་ལ་ཉེན་རྟོག་པའི་རོགས་རམ་དགོས་པ་དང་། ཡིན་ནའང་དེར་འཕྲལ་མར་ཉེན་ཁ་མེད་ན། ཉེན་རྟོག་རོགས་རམ་ཨང་གྲངས་ (131 444) ལ་ཁ་པར་གཏོང་།
  • གལ་ཏེ་དེར་དྲག་སྤྱོད་མེད་པ་དང་དེ་བྱེད་པར་བདེ་འཇགས་ཡིན་ན། གནས་སྟངས་དེ་ཁྱེད་ཉིད་སོ་སོས་ཐད་ཀར་ངང་དེའི་ནང་འཚུད་པའི་སྐྱེ་བོ་འམ་མི་མང་ལྷན་འབྲེལ་ལམ་བྱེད་འདོད་སྲིད་པ་ཡིན།
  • གལ་ཏེ་ཐད་ཀར་འབྲེལ་གཏུག་གིས་གནས་སྟངས་ཐག་གཅོད་བྱེད་མི་ཐུབ་པ་དང་། ཡང་ན། ཁྱེད་ཀྱིས་དེ་ལྟར་བྱེད་རྒྱུ་བདེ་པོ་མེད་ན། ཁྱེད་ཀྱིས་ཨོ་སི་ཊོ་ལི་ཡའི་འགྲོ་བ་མིའི་ལྷན་ཚོགས་ (ཨེ་ཨེཆ་ཨར་སི།) ལ་ཞུ་གཏུག་རྒྱག་ཆོག
    • ཨེ་ཨེཆ་ཨར་སི་ལ་ཞུ་གཏུག་ཞིག་རྒྱག་པར། www.humanrights.gov.au/complaints སྟེང་བསྐྱོད་པའམ། ཨེ་ཨེཆ་ཨར་སིའི་རྒྱལ་ནང་ཆ་འཕྲིན་ཞབས་ཞུ་ལ་ 1300 656 419 ཡང་ན། 02 9284 9888 ཐོག་ཁ་པར་གཏོང་།

ཟུར་གནས་པའི་ནུས་པ།

མི་རིགས་འཐེན་འཁྱེར་དངོས་མཐོང་བྱུང་བའི་སྐྱེ་བོ་དག་གིས་དེའི་ཁ་གཏད་དུ་ངོ་རྒོལ་བྱེད་སྐབས། འདི་ཡིས་དཀའ་སྡུག་འཕྲད་པའི་སྐྱེ་བོ་དེར་རྒྱབ་སྐྱོར་བྱས་པ་ཚོར་བ་དང་། མི་རིགས་འཐེན་འཁྱེར་བྱེད་མཁན་དེར་སོ་སོའི་གཤིས་སྤྱོད་ཐད་ཡང་བསྐྱར་བསམ་ཞིབ་བྱེད་དུ་འཇུག་པ་ཡིན། ཁྱེད་ཉིད་སོ་སོ་ཉེན་ཁ་སྟེང་མ་འཇོག ཡིན་ནའང་གལ་ཏེ་དེ་ལྟར་བྱེད་རྒྱུ་བདེ་འཇགས་ཡིན་ན། གནོད་ཡུལ་ལྷན་ཡར་ལངས་ཏེ་ངོ་རྒོལ་རྒྱག རྣམ་འགྱུར་སྟབས་བདེ་པོ་ཞིག་གིས་ཀྱང་ནུས་པ་ཆེན་པོར་མངོན་པ་ཡིན།

གལ་ཏེ་ཁྱེད་ཀྱིས་མི་རིགས་དབྱེ་འབྱེད་གཤིས་སྤྱོད་མཐོང་ན། ཁྱེད་ཀྱིས་གཤམ་དག་བྱེད་ཆོག:

  • ངོ་རྒོལ་བྱ། — དེར་མི་རིགས་འཐེན་འཁྱེར་ཞེས་འབོད་པ་དང་། ཉེས་ཅན་པར་དེ་ཉིད་ཁས་ལེན་མེད་པ་ཤེས་སུ་འཇུག
  • གནོད་ཡུལ་ལ་རྒྱབ་སྐྱོར་བྱེད། — དཀའ་སྡུག་འཕྲད་པའི་སྐྱེ་བོ་དེའི་ཉེ་འཁྲིས་སྡོད་དེ་ཁོང་ཚོར་བདེ་པོ་ཡིན་མིན་འདྲི།
  • དཔང་རྟགས་བླངས། — རྐྱེན་དེ་ཁྱེད་ཀྱི་ཁ་པར་སྟེང་བསྡུ་འཇུག་བྱེད་པ་དང་། ཉེས་ཅན་པའི་པར་རྒྱག་སྟེ་དེ་འཛིན་སྐྱོང་དབང་འཛིན་དག་ལ་རྩིས་སྤྲོད་བྱ།

ཨོ་སི་ཊོ་ལི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཟུར་གནས་པ་རྣམས་ལ་ལམ་སྟོན་དག་ཡོད་པས་ https://itstopswithme.humanrights.gov.au/respond-racism སྟེང་བསྐྱོད།

མི་རིགས་དབྱེ་འབྱེད་དང་ཁྱེད་ཀྱི་བདག་དབང་།

ཨོ་སི་ཊོ་ལི་ཡའི་ནང་གང་ཟག་ཞིག་གམ་ཚོགས་སྡེ་ཞིག་གི་མི་རིགས་སམ་ཤ་མདོག དེ་བཞིན་རྒྱལ་ཁབ་འམ་མི་རིགས་བྱེ་བྲག་གི་འབྱུང་ཁུངས་ལ་གཞིགས་ཏེ་མང་ཚོགས་ནང་ཕོག་ཐུག་གམ་མཐོང་ཆུང་། དམའ་འབེབ། ཡང་ན་འཇིགས་སྐུལ་བྱུང་ཉེན་རིགས་བྱེད་པ་ནི་ཁྲིམས་འགལ་ཡིན། གཤིས་སྤྱོད་འདི་རིགས་ནི་མི་རིགས་སྡང་འཛིན་ཚུལ་དུ་དབྱེ་བ་ཡིན།

མི་རིགས་སྡང་འཛིན་ནང་འཚུད་སྲིད་པའི་དཔེར་བརྗོད་དག་ནི།:

  • དྲ་ཐོག་གླེང་སྟེགས་དང་དྲ་ཐོག་ཟིན་ཐོ། སྤྱི་ཚོགས་དྲ་ལམ་གྱི་དྲ་ཚིགས། བརྙན་པར་མཉམ་སྤྱོད་དྲ་ཚིགས་དག་གཏོགས་པའི་དྲ་རྒྱ་སྟེང་མི་རིགས་ཕོག་ཐུག་རྒྱུ་ཆ་སྤེལ་བ།
  • ཚགས་པར་རམ་བརྙན་དེབ། ཡང་ན། ལྟེབ་ཤོག་འམ་འགྲེམ་ཤོག་ལྟ་བུའི་པར་སྐྲུན་གཞན་ནང་མི་རིགས་ཕོག་ཐུག་འགྲེལ་བརྗོད་དམ་སྣང་བརྙན་སྤེལ་བ།
  • མང་ཚོགས་སྡེབས་འཛོམས་སར་མི་རིགས་ཕོག་ཐུག་གཏམ་བཤད་སྤེལ་བ།
  • ཚོང་ཁང་ངམ་ལས་ཀའི་ས་ཚིགས། གླིང་ཁ། མང་ཚོགས་འོར་འདྲེན་སྣུམ་འཁོར། ཡང་ན། སློབ་གྲྭ་རུ་མི་རིགས་ཚིག་རྩུབ་བསམ་ཚུལ་སྤེལ་བ།
  • རྩེད་མོའི་ལས་རིམ་དུ་རྩེད་འགྲན་པའམ་ལྟད་མོ་བ། སློབ་སྟོན་པ། ཡང་ནལས་བྱེད་དག་གིས་མི་རིགས་ཚིག་རྩུབ་བསམ་ཚུལ་སྤེལ་བ།

ཁྲིམས་ལུགས་ཀྱིས་རང་དབང་ངང་འབྲེལ་ལམ་གྱི་ཐོབ་ཐང་ (སྨྲ་བརྗོད་རང་དབང་།) དང་། མི་རིགས་སྡང་འཛིན་ནས་རང་དབང་ངང་འཚོ་གནས་བྱ་རྒྱུའི་ཐོབ་ཐང་གཉིས་པོ་ཆ་སྙོམ་བྱེད་རྒྱུ་དམིགས་པ་ཡིན། གནས་སྟངས་འགའ་ཤས་ནང་། གལ་ཏེ་ “རྒྱུ་མཚན་ལྡན་པའི་ངང་བྱེད་པ་དང་རྣམ་དག་ངང་།” བྱེད་ཡོད་ན་བྱ་སྤྱོད་དག་ཁྲིམས་འགལ་མིན།

མི་རིགས་དབྱེ་འབྱེད་ནི་གནས་སྟངས་འདྲ་མཚུངས་ཞིག་ནང་གང་ཟག་ཅིག་ལ་དོ་བདག་དེའི་མི་རིགས་སམ་ཤ་མདོག ཡང་ན་རིགས་རྒྱུད་དམ། རྒྱལ་ཁབ། མི་རིགས་བྱེ་བྲག་པའི་འབྱུང་ཁུངས། དེ་བཞིན་ཡུལ་སྤོས་གནས་བབས་རྐྱེན་པས་མི་གཞན་དེ་ལས་ལྟ་ཚུལ་ཞན་པ་འཛིན་སྐབས་བྱུང་བ་ཡིན། དཔེར་ན། མི་ཞིག་ལ་མི་རིགས་རྒྱབ་ལྗོངས་སམ་ཤ་མདོག་བྱེ་བྲག་པ་ཞིག་ཡིན་པའི་དབང་གིས་ཁང་པ་མི་གཡར་བ་ལྟ་བུ།

ཀུན་ལ་སྙོམས་པའམ་གཅིག་མཚུངས་ཡིན་པའི་སྒྲིག་ཁྲིམས་སམ་སྲིད་ཇུས་ཞིག་ཡོད་ཀྱང་། མི་རིགས་སམ། ཤ་མདོག ཡང་ན་རིགས་རྒྱུད་དམ། རྒྱལ་ཁབ། མི་རིགས་བྱེ་བྲག་པའི་འབྱུང་ཁུངས། དེ་བཞིན་ཡུལ་སྤོས་གནས་བབས་རྐྱེན་གྱིས་དྲང་བདེན་མིན་པའི་རྗེས་འབྲས་ཡོད་སྐབས་མི་རིགས་དབྱེ་འབྱེད་བྱུང་བ་འཛིན་པ་ཡིན། དཔེར་ན། ཁེ་ལས་མཉམ་འདུས་ཞིག་གིས་ལས་ཀའི་ས་ཚིགས་སུ་ལས་མི་རྣམས་ཀྱིས་ཞྭ་མོའམ་མགོ་དཀྲིས་གཞན་གྱོན་མི་ཆོག་བརྗོད་པ་ལྟ་བུ། དེ་ཡིས་མི་རིགས་སམ་མི་རིགས་བྱེ་བྲག་པའི་རྒྱབ་ལྗོངས་ནས་ཡིན་པའི་གང་ཟག་སྟེང་དྲང་བདེན་མིན་པའི་རྗེས་འབྲས་བྱུང་བ་ཡིན།

གལ་ཏེ་ཁྱེད་ལ་མི་རིགས་སྡང་འཛིན་བྱུང་བ་ཡིན་ན། ཁྱེད་ཀྱིས་ཨོ་སི་ཊོ་ལི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཞུ་གཏུག་རྒྱག་ཆོག ཞུ་གཏུག་རྒྱུད་རིམ་དེ་སྟབས་བདེ་དང་རིན་མེད། གུ་ཡངས་བཅས་ཡོད།

ཨོ་སི་ཊོ་ལི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཞུ་གཏུག་ཞིག་རྒྱག་པར། www.humanrights.gov.au/complaints སྟེང་བསྐྱོད།

རྒྱལ་ནང་ཆ་འཕྲིན་ཞབས་ཞུ།

ཨོ་སི་ཊོ་ལི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱལ་ནང་ཆ་འཕྲིན་ཞབས་ཞུ་ (ཨེན་ཨཡེ་ཨེས།) ཡིས་མི་སྒེར་དང་ཚོགས་པ། དེ་བཞིན་ལས་བདག་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང་དབྱེ་འབྱེད་གནད་དོན་སྐོར་གྱི་ཆ་འཕྲིན་དང་འབྲེལ་སྦྱོར་དག་མཁོ་སྤྲོད་བྱེད་པ་ཡིན། ཞབས་ཞུ་འདི་རིན་མེད་དང་གསང་རྒྱ་ཡིན།

ཨེན་ཨཡེ་ཨེས་ཡིས།:

  • ཁྱེད་ལ་མནའ་མཐུན་སྲིད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་དང་དབྱེ་འབྱེད་འགོག་པའི་ཁྲིམས་ལུགས་འོག་ཁྱེད་ཀྱི་བདག་དབང་དང་འགན་འཁྲི་དག་གི་ཆ་འཕྲིན་སྤྲོད་པ་ཡིན།
  • ཁྱེད་ཀྱིས་ལྷན་ཚོགས་ལ་ཞུ་གཏུག་ཞིག་རྒྱག་ཐུབ་མིན་སྐོར་གྲོས་བསྡུར་བྱེད་པའམ། ཁྱེད་ཀྱི་གནས་སྟངས་སྟེང་ཁྲིམས་ལུགས་ཇི་ལྟར་ལག་བསྟར་བྱེད་ཚུལ་སྐོར་གྲོས་བསྡུར་བྱེད་པ་ཡིན།
  • ཁྱེད་ལ་ཞུ་གཏུག་ཞིག་ཇི་ལྟར་རྒྱག་ཚུལ་ལམ། ཞུ་གཏུག་ལ་ཡ་ལན་ཇི་ལྟར་བྱ་ཚུལ། ཡང་ན་དམིགས་བཀར་དབྱེ་འབྱེད་གནད་དོན་དག་གི་ལྷན་འབྲེལ་འདྲིས་ཇི་ལྟར་བྱ་ཚུལ་སྐོར་གྱི་ཆ་འཕྲིན་སྤྲོད་པ་ཡིན།
  • ཁྱེད་ལ་རོགས་པ་བྱེད་ཐུབ་སྲིད་པའི་ཚོགས་སྡེ་གཞན་ལ་འབྲེལ་སྦྱོར་བྱེད་པ་ཡིན།

ཨེན་ཨཡེ་ཨེས་ཡིས་ཁྲིམས་མཐུན་སློབ་སྟོན་མཁོ་སྤྲོད་བྱེད་མི་ཐུབ་པ་མཁྱེན་པར་བྱ།

ཁྱེད་ཀྱིས་གཤམ་དག་སྒོ་ནས་ཨེན་ཨཡེ་ཨེས་ལ་འབྲེལ་གཏུག་བྱ་ཆོག:

ཕབ་སྒྱུར་དང་སྐད་སྒྱུར་ཞབས་ཞུ།

ཕབ་སྒྱུར་དང་སྐད་སྒྱུར་ཞབས་ཞུ་ (ཊི་ཨཡེ་ཨེས་རྒྱལ་ནང་།) ནི་ཨིན་སྐད་མ་ཤེས་པའི་སྐྱེ་བོ་དག་གི་ཆེད་སྐད་སྒྱུར་ཞབས་ཞུ་ཞིག་ཡིན། ཊི་ཨཡེ་ཨེས་རྒྱལ་ནང་ཞབས་ཞུ་མང་ཆེ་བ་ནི་ཨིན་སྐད་མ་ཤེས་པའི་སྐྱེ་བོ་དག་ལ་རིན་མེད་ཡིན།

སློབ་སྟོན་དང་བསམ་བློའི་འཕྲོད་བསྟེན་བདེ་ཐབས།

ཏོག་དབྱིབས་རིམས་ནད་བརྒྱུད་མི་ལ་རོགས་པ་བྱེད་ཆེད་དམིགས་བཀར་ངང་འཆར་འགོད་བྱས་པའི་ ༢༤/༧ རམ་འདེགས་ཞབས་ཞུ་གསར་པ་དེ་ནི་ཨོ་སི་ཊོ་ལི་ཡའི་མི་མང་ཀུན་ལ་རིན་མེད་ཐོག་ཐོབ་ཐུབ།

རམ་འདེགས་ཞབས་ཞུ་དེ་དྲ་ཚིགས་ https://coronavirus.beyondblue.org.au/ བརྒྱུད་ནས་ལྟ་སྤྱོད་བྱེད་ཐུབ།

སྒེར་གྱི་དཀའ་ཉེན་ཆེ་དུས་དང་བསམ་བློའི་འཕྲོད་བསྟེན་རམ་འདེགས་ཞབས་ཞུ་དག་གི་ཆེད། ཁྱེད་ཀྱིས་དུས་ནམ་ཡིན་ལ་བི་ཡོནྜ་བུ་ལུ་ལ་ 1800 512 348 ཡང་ན། 13 11 14 ཐོག་འབྲེལ་གཏུག་བྱེད་ཆོག 

བྱིས་པའི་རོགས་རམ་ཨང་གྲངས་དེ་ལོ་ ༥ ནས་ ༢༥ དབར་གྱི་ལོ་ཆུང་དག་གི་ཆེད་རིན་མེད་ཞབས་ཞུ་ཡིན། 1800 551 800 ཐོག་བྱིས་པ་དང་བཅུ་ཐོག་ན་གཞོན། ནར་སོན་གཞོན་ནུ་དག་གིས་དུས་ནམ་ཡིན་ལ་ཁ་པར་གཏོང་ཆོག