ཏོག་དབྱིབས་རིམས་ནད། (COVID-19)- ཨི་སི་ཊི་ལི་ཡའི་སྤྱི་ཚོགས་ཆེད་ཆ་འཕྲིན།

ཚེ་སྲོག་དག་སྐྱོབ་པ་དང་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་དལ་དུ་གཏོང་བའི་རོགས་པ་བྱ།

ཁྱིམ་དུ་སྡོད།

  • གལ་ཏེ་དགོས་ངེས་བྱུང་ཚེ་མ་གཏོགས་ཁྱིམ་ནས་མ་འདོན།
  • ཁྱེད་ཀྱིས་དགོས་མཁོ་མེད་པའི་བྱེད་སྒོ་གང་ཡང་ཆེད་ཁྱེད་ཀྱི་ཁྱིམ་ནས་ཕྱིར་འདོན་བྱེད་རྒྱུ་འཛེམ་དགོས།
  • ཁྱེད་ཀྱི་ཁྱིམ་དུ་ནང་མིའམ་གྲོགས་པོ་རྣམས་མགྲོན་འབོད་མ་བྱེད།
  • གཤམ་འཁོད་ཆེད་དུ་མ་གཏོགས་ཁྱིམ་དུ་སྡོད།:
    • ལས་ཀའམ་སློབ་གྲྭ་འགྲོ་བ།(གལ་ཏེ་ཁྱིམ་དུ་བྱེད་ཐུབ་ཀྱི་མེད་ན།)
    • བཟའ་བཅའ་ལྟ་བུ་དགོས་མཁོའི་ཅ་དངོས་ཉོ་ཆ་རྒྱག་པ།(ཕྱིས་འགྱང་མེད་པར་ཁྱིམ་དུ་ཕྱིར་ལོག་བྱ།)
    • ཉེ་འཁྲིས་སུ་ལུས་སྦྱོང་ཆེད་དུ་བསྐྱོད་པ། དེ་ཡང་རང་ཉིད་གཅིག་པུའམ་མི་གཅིག་གི་ལྷན་བསྐྱོད།
    • སྨན་པའི་ལྷན་དུས་ཚོད་དམ་སྙིང་ཉེར་སྨན་ཁང་དུ་ཐུགས་འཕྲད་ཆེད་བསྐྱོད་པ།
  • སྨན་གྱི་ཞབས་ཞུ་དང་། སྣ་ཚོགས་ཁྲོམ་ར། དངུལ་ཁང་། རྡོ་སྣུམ་འབབ་ཚུགས། སྦྲག་ཁང་། ཁྱིམ་དུ་སྐྱེལ་འགྲེམ་ཞབས་ཞུ་རྣམས་མུ་མཐུད་སྒོ་ཕྱེ་བ་ཡིན།

བདེ་འཇགས་ངང་སྡོད།

  • རྟག་ཏུ་གཙང་སྦྲ་འཕྲོད་བསྟེན་ལེགས་པོ་བྱ། ཁྱེད་ཀྱི་ལག་པ་དག་ཡི་ཙི་དང་ཆུའི་ལྷན་སྐར་ཆ་ ༢༠ རིང་འཁྲུད། གློ་རྒྱག་སྐབས་ཁ་བཀགཁྱེད་ཀྱི་མིག་དང་སྣ་དང་ཁ་དག་ལ་མ་རེག
  • ཁྱེད་ཀྱི་ཁྱིམ་གྱི་ཕྱི་རོལ་དུ་ཡོད་སྐབས་ཉུང་མཐར་མི་ཊར་ ༡་༥ ཡི་སྤྱི་ཚོགས་རྒྱང་ཐག་སོར་གནས་བྱ།
  • ལག་པ་གཏོང་བ་དང་འཐམ་འཁྱུད་བྱེད་པ། འོ་བསྐྱལ་བ་ལྟ་བུའི་ཕྱི་གཟུགས་ལུས་པོའི་འཚམས་འདྲི་དག་འཛེམ།
  • དངུལ་ལོར་གྱི་ཚབ་ཏུ་སྣུན་ཏེ་བསྐྱོད་ཞེས་པ་བེད་སྤྱོད་བྱ།
  • ཁུ་སིམ་དུས་སུ་འགྲིམ་འགྲུལ་བྱེད་པ་དང་། མི་མང་པོའི་འདུ་ཚོགས་སར་ནས་གཡོལ།
  • གནས་ཚུལ་རྒྱུས་ལོན་ལེགས་པོ་ཡོད་པ་བྱ། – ཡིད་ཆེས་འཕེར་བའི་གཞུང་འབྲེལ་ཆ་འཕྲིན་ཁོ་ན་བེད་སྤྱོད་བྱ། ཨོ་སི་ཊོ་ལི་ཡའི་ཏོག་དབྱིབས་རིམས་ནད་ཞེས་པའི་ལག་འཁྱེར་ཁ་པར་གྱི་ཉེར་སྤྱོད་ཕབ་ལེན་བྱ། ཝཊ་སི་ཨེཔ་སྟེང་ཨོ་སི་ཊོ་ལི་ཡའི་ཏོག་དབྱིབས་ནད་ཡམས་ཞེས་པའི་ནང་ཚོགས་ཞུགས་བྱེད་པ་དང་། ཆ་འཕྲིན་གསར་ཤོས་ཆེད་ www.australia.gov.au སྟེང་བསྐྱོད།

སྦྲེལ་མཐུད་ངང་སྡོད།

  • ཁ་པར་འམ་དྲ་ཐོག་ནས་ནང་མི་དང་གྲོགས་པོ་རྣམས་ལྟ་རྟོག་བྱ།
  • ལོ་ན་བགྲེས་པའི་སྤུན་མཆེད་དང་དཀའ་སྡུག་ཅན་རྣམས་ལ་བཟའ་བཅའ་དང་དགོས་མཁོའི་ཅ་དངོས་སྐྱེལ་འགྲེམ་བྱ། དངོས་རྫས་དེ་དག་ཁྱིམ་གྱི་སྒོ་རུ་འཇོག
  • ཞབས་ཞུ་དགོས་མཁོ་མང་ཤོས་ལྡན་པའི་སྐྱེ་བོ་རྣམས་ལ་དྭང་བླངས་ཚོགས་པ་དང་དགེ་རྩ་དག་གིས་ཞབས་ཞུ་དག་མཁོ་སྤྲོད་བྱེད་ཆོག

འཕྲོད་བསྟེན་ཆ་འཕྲིན།

ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ནང་འཚུད་པ་དག་ནི།:

  • ཚ་བ་འབར་བ།
  • གློ་རྒྱག་པ།
  • མིད་པ་རྨ་བཟོ་བ།
  • ཐང་ཆད་པ།
  • དབུགས་མི་བདེ་བ།

གལ་ཏེ་ཁྱེད་རང་ནད་པ་ཡིན་པ་དང་ཁྱེད་ལ་ཏོག་དབྱིབས་རིམས་ནད་ཕོག་པའི་དོགས་པ་ཡོད་ན། སྨན་གྱི་རོགས་རམ་བླངས།

ཁྱེད་ཀྱིས་རྒྱལ་ནང་ཏོག་དབྱིབས་རིམས་ནད་རོགས་རམ་ལ་ཆ་འཕྲིན་ཆེད་ཁ་པར་གཏོང་ཆོག གལ་ཏེ་ཁྱེད་ལ་ཡིག་སྒྱུར་རམ་སྐད་སྒྱུར་ཞབས་ཞུ་དགོས་ན། 131 450 སྟེང་ཁ་པར་གཏོང་།

གལ་ཏེ་ཁྱེད་ལ་དབུགས་གཏོང་ལེན་ཁག་པོ་ཡོད་པ་ལྟ་བུའི་ནད་རྟགས་ལྗིད་པོ་ཡོད་ན། ཛ་དྲག་སྨན་གྱི་རོགས་རམ་ཆེད་ ༠༠༠ སྟེང་ཁ་པར་གཏོང་།

མི་ཚོགས་རྣམས་བདེ་འཇགས་གནས་པ་དང་སྤྱི་ཚོགས་ནང་ཉེན་ཚབས་ཆུང་དུ་གཏོང་ཆེད་འཕྲོད་བསྟེན་ལྷན་ཁང་གི་དྲ་ཚིགས་སྟེང་དབྱིན་ཡིག་ལས་ལྡོག་པའི་སྐད་རིགས་འདྲ་མིན་ནང་ཆ་འཕྲིན་དག་ཐོབ་རུང་ཡོད།