སྒེར་དང་ཁྱིམ་ཚང་དག

རྒས་ཕོགས་སྔ་སྣུར།

འོས་བབས་དོ་བདག་རྣམས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་བ་དགུ་པའི་ཚེས་ ༢༤ གོང་སོ་སོའི་རྒན་ཕོགས་ནས་ $10,000 བར་དུ་ལག་སོན་བྱེད་པར་དྲ་ཐོག་ནས་ myGov བརྒྱུད་དེ་སྙན་ཞུ་རྒྱག་ཆོག

ཁྱེད་ཀྱི་སུ་པར་དེ་ལག་སོན་སྔ་པོ་བྱེད་པ་ཡིས་སོ་སོའི་སུ་པར་ལྷག་འཕྲོས་ལ་ཤུགས་རྐྱེན་ཐེབས་པ་དང་། མ་འོངས་རྒས་ཡོལ་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་སྲིད་པ་ཡིན། སུ་པར་གྱི་སྔ་སྣུར་ཆེད་སྙན་ཞུ་མ་རྒྱག་གོང་དཔལ་འབྱོར་སློབ་སྟོན་བླངས་པའི་བསམ་ཞིབ་བྱ།

hwww.ato.gov.au/early-accessསྟེང་སུ་པར་གྱི་སྔ་སྣུར་སྐོར་མང་བ་འཚོལ། ཡང་ན། ཨེ་ཊི་ཨོ་ལ་ཁྱེད་ཀྱི་སྐད་ཡིག་ནང་སྐད་ཆ་བཤད་པར། ཡིག་སྒྱུར་དང་སྐད་སྒྱུར་ཞབས་ཞུ་ (ཊི་ཨཡེ་ཨེས་རྒྱལ་ནང་།) ལ་ ༡༣ ༡༤ ༥༠ ཐོག་ཁ་པར་གཏོང་།

གནས་དབྱུང་མེད།

མངའ་སྡེ་དང་ས་ཁུལ་གཞུང་གིས་གནས་དབྱུང་དག་ཟླ་བ་དྲུག་རིང་བདག་བཟུང་བྱེད་པ་ཡིན། ཁང་བདག་དང་གཡར་མཁན་དག་ལ་དུས་ཐུང་གྲོས་མཐུན་སྐོར་སྐད་ཆ་བཤད་པའི་སྐུལ་མ་བྱེད་ཀྱི་ཡོད། ཞིབ་ཕྲ་ཆེད་སོ་སོའི་མངའ་སྡེ་འམ་ས་ཁུལ་གཞུང་ལ་འབྲེལ་གཏུག་བྱ།

རྒས་ཡོལ་ཚོའི་ཆེད་ཕྱིར་འཐེན་གོང་ཚད་ཀྱི་ཉུང་མཐའི་གདམ་ག

ཏོག་དབྱིབས་རིམས་ནད་རྐྱེན་པས་དཔལ་འབྱོར་ཁྲོམ་རའི་ནང་གྱོང་གུད་ཚབས་ཆེན་ཕོག་པ་དག་ཆུང་དུ་གཏོང་བའི་རོགས་པ་བྱེད་པར། ཐོ་ཁོངས་གཞིར་བཞག་གི་རྒས་ཕོགས་དང་ཕྱོགས་མཚུངས་ཐོན་རྫས་དག་གི་ཆེད་ཉུང་མཐའི་ཕྱིར་འཐེན་དགོས་མཁོ་དེ་ཕྱི་ལོ་ ༢༠༡༩-༢༠ དང་ ༢༠༢༠-༢༡ ལོའི་ཡོང་འབབ་སྟེང་བརྒྱ་ཆ་ ༥༠ ཡིས་ཉུང་དུ་བཏང་ཡོད།

ཞིབ་ཕྲའི་ཆ་འཕྲིན་ཆེད། www.ato.gov.au/drawdown སྟེང་བསྐྱོད།

ལས་སྲུང་རིན་སྤྲོད།

ཏོག་དབྱིབས་རིམས་ནད་རྐྱེན་པས་གནོད་རྐྱེན་ཤུགས་ཆེ་ཕོག་པའི་ཚོང་ལས་དག་ལ་ལས་སྲུང་རིན་སྤྲོད་ཀྱིས་རམ་འདེགས་བྱེད་ཀྱི་ཡོད། དེ་ཡང་། དེ་དག་གི་ལས་བྱེད་གླ་ཕོགས་ཀྱི་རིན་པ་དག་སྤྲོད་པའི་སྒོ་ནས་རོགས་པ་བྱེད་ཀྱི་ཡོད། དེས་ན། ཨོ་སི་ཊོ་ལི་ཡའི་མི་དམངས་མང་བ་ཡིས་སོ་སོའི་ལས་ཀ་དག་བསྐྱར་སོན་ཐུབ་པ་དང་། མུ་མཐུད་ནས་ཡོང་འབབ་ཞིག་གསོག་ཐུབ་པ་ཡིན།

གལ་ཏེ་ཁྱེད་ཀྱི་ལས་བདག་གིས་ཁྱེད་ཀྱི་ངོ་ཚབ་ཐོག་བདུན་གཉིས་རེར་གྱི་ལས་སྲུང་རིན་སྤྲོད་དེ་རྙེད་སོན་བྱེད་འཆར་ཡོད་ན། ཁྱེད་ལ་བརྡ་ཐོ་གཏོང་བ་ཡིན།

ཆ་འཕྲིན་ཆེད། www.ato.gov.au/jobkeeper སྟེང་བསྐྱོད།

སྒྲིག་སྲོལ་དེ་ཉེན་ཁ་མེད་པ་དང་དྲང་པོ་ཉར་བཞིན་པ།

ཨོ་སི་ཊོ་ལི་ཡའི་མི་དམངས་རྣམས་ལ་ཏོག་དབྱིབས་རིམས་ནད་ཀྱི་གཡོ་བྱུས་དང་གཡོ་ཐབས་གཞན་གྱི་ཐོག་ནས་དམིགས་པའི་གནས་སྟངས་ཤུགས་ཆེ་འཕེལ་བཞིན་འདུག གལ་ཏེ་ཁྱེད་ལ་གཡོ་ཐབས་བྱེད་མཁན་ཞིག་གམ། ཡང་ན། གློག་འཕྲིན་དང་འཕྲིན་ཐུང་འམ་ཁ་པར་འབྱོར་བ་ཞིག་གི་སྟེང་དོགས་གཞི་ཡོད་ན། ཐོག་མ་ང་ཚོར་འབྲེལ་གཏུག་བྱ།

གལ་ཏེ་ཁྱེད་ཀྱིས་ཨེ་ཊི་ཨོ་འབྲེལ་བ་དེ་ངོ་མ་ཡིན་མིན་ངེས་བརྟན་མེད་ན། ལན་འདེབས་མ་བྱེད། ཨེ་ཊི་ཨོ་གཡོ་ཟོལ་ཧོཊ་ལ་ཡེན་ལ་ ༡༨༠༠ ༠༠༨ ༥༤༠ སྟེང་ཁ་པར་གཏོང་བའམ། www.ato.gov.au/scams སྟེང་བསྐྱོད།

གལ་ཏེ་ཁྱེད་ཀྱིས་བསམ་པར་མི་ཞིག་གིས་ཁྱེད་ཀྱི་ངོ་བོ་རྐུ་བའམ་ལོག་སྤྱོད་བྱེད་ཀྱི་འདུག་བསམ་པ་ཡིན་ན། ང་ཚོས་རོགས་པ་བྱེད་ཐུབ། ང་ཚོས་ཁྲལ་སྤྲོད་མཁན་དག་ལ་དེ་དག་གི་ཁྲལ་ངོ་བོ་དག་ཡང་བསྐྱར་འཛུགས་སྐྲུན་བྱེད་པར་ཆ་འཕྲིན་དང་སློབ་སྟོན། དེ་བཞིན་རོགས་རམ་དག་མཁོ་སྤྲོད་བྱེད་ཀྱི་ཡོད།

གལ་ཏེ་ཁྱེད་ཀྱིས་སྒེར་རམ་ཚོང་ལས་དག་ཚུལ་མཐུན་འགྲོ་ཡི་མེད་པའི་ཚོར་སྣང་བྱུང་ན། ང་ཚོ་ལ་ www.ato.gov.au/tipoff ཐོག་ཤེས་སུ་འཇུག་རོགས།

གཞུང་གི་རིན་སྤྲོད་དང་ཞབས་ཞུ་དག

ཁྱེད་ལ་སེན་ཊར་ལིངྒ་རིན་སྤྲོད་འབྱོར་མེད་ནའང་། ཨོ་སི་ཊོ་ལི་ཡའི་ཞབས་ཞུ་དག་གིས་ཁྱེད་ལ་དཔལ་འབྱོར་ཐོག་ནས་རོགས་པ་བྱེད་ཐུབ་སྲིད་པ་ཡིན། ཁྱེད་ཀྱིས་ཞབས་ཞུ་ལྟེ་གནས་ཞིག་ཏུ་བསྐྱོད་དགོས་མེད། ཁྱེད་ཀྱིས་ང་ཚོའི་རང་མི་རང་ལས་ཞབས་ཞུའི་གདམ་ག་དག་བེད་སྤྱོད་བྱེད་ཆོག ཁྱེད་ཀྱིས་སྤྱི་ཚོགས་ཞབས་ཞུ་བ་ཞིག་ཀྱང་བེད་སྤྱོད་བྱེད་ཆོག གལ་ཏེ་ཁྱེད་རང་སྔ་ས་ནས་ཚོང་ཤག་ཞིག་ཡིན་ན། ཏོག་དབྱིབས་རིམས་ནད་ (ཏོག་དབྱིབས་-༡༩) རྐྱེན་པས་ང་ཚོའི་རིན་སྤྲོད་དང་ཞབས་ཞུ་དག་གི་སྟེང་སྒྱུར་བཅོས་ཕྱིན་ཡོད། སྐད་ཡིག་གཞན་དག་གི་ནང་ཆ་འཕྲིན་མང་བའི་ཆེད། servicesaustralia.gov.au/covid19 སྟེང་བསྐྱོད།