ཏོག་དབྱིབས་གཉན་རིམས་-༡༩ ཡི་སྔོོན་འགོག་སྨན་ཁབ།

ཨོ་སི་ཊོ་ལི་ཡའི་མི་ཚང་མ་ལ་ཏོག་དབྱིབས་གཉན་རིམས་-༡༩ ཡི་སྔོན་འགོག་སྨན་ཁབ་བདེ་འཇགས་དང་ནུས་ལྡན་ཞིག་ཐོབ་པ་ཡིས་ཁྱེད་དང་ཁྱེད་ཀྱི་ནང་མི། དེ་བཞིན་ཁྱེད་ཀྱི་སྤྱི་ཚོགས་དེ་ཏོག་དབྱིབས་གཉན་རིམས་ནས་སྲུང་སྐྱོབ་བྱེད་ཐུབ།

ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་མི་ཚང་མར་ཏོག་དབྱིབས་གཉན་རིམས་-༡༩ ཡི་སྔོན་འགོག་སྨན་ཁབ་རིན་མེད་ངང་ཐོབ་པ་སྟེ། ཁྱེད་ཉིད་ཨོ་སི་ཊོ་ལི་ཡའི་མི་སེར་རམ་གཏན་འཇགས་གནས་སྡོད་པ་མིན་ནའང་ཐོབ་པ་ཡིན། འདིའི་ཁོངས་མེ་ཌི་ཀེ་ཡེར་བྱང་བུ་མེད་པའི་མི་དང་ཕྱི་རྒྱལ་ཡུལ་སྐོར་བ། དེ་བཞིན་རྒྱལ་སྤྱིའི་སློབ་ཕྲུག ཡུལ་སྤོ་ལས་མི། སྐྱབས་བཅོལ་ཞུ་མཁན་བཅས་འཚུད་པ་ཡིན།

སྐད་ཡིག་དག་གི་ནང་ཞིབ་ཕྲའི་འཕྲོད་བསྟེན་ཆ་འཕྲིན་ཆེད། དྲྭ་ཚིགས་ཁ་བྱང་ https://www.health.gov.au/initiatives-and-programs/covid-19-vaccines/covid-19-vaccine-information-in-your-language སྟེང་བསྐྱོད།

དངོས་འབྲེལ་གནད་དོན།