ཏོག་དབྱིབས་གཉན་རིམས་སྐོར་གྱི་ཆ་འཕྲིན་ལོག་པ་དང་བདེན་པ། (ཏོག་དབྱིབས་གཉན་རིམས།-༡༩)

རྟོག་བཟོ།: ཁྱེད་ཀྱིས་ཏོག་དབྱིབས་གཉན་རིམས་དེ་ནད་འབུ་འགོག་སྨན་འམ་འདར་ཚད་འགོག་སྨན་དག་གིས་བཅོས་ཐུབ།

དངོས་འབྲེལ།: ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཆེད་འགོག་སྨན་འམ་སྨན་བཅོས་མེད།

འཛམ་གླིང་གར་སར་ཡོད་པའི་ཉམས་ཞིབ་པ་དག་གིས་ཏོག་དབྱིབས་ཆེད་འགོག་སྨན་ཞིག་གསར་བསྐྲུན་བྱེད་པར་དཀའ་ལས་རྒྱག་བཞིན་ཡོད། སྨན་ཁབ་དཔེ་མཚོན་འགའ་ཤས་ཤིག་ད་ལྟའི་ཆར་བརྟག་དཔྱད་ཁང་གི་ཚོད་ལྟ་ནང་ཡོད། ཡིན་ནའང་དེའི་ཆེད་དུས་ཡུན་ཇི་ཙམ་འགོར་བ་ང་ཚོས་ཤེས་ཀྱི་མེད།

ཉམས་ཞིབ་པ་དག་གིས་ཀྱང་ད་ལྟའི་ཆར་ཐོབ་རུང་ཡོད་པའི་སྨན་དང་སྨན་གསར་པ་བེད་སྤྱོད་བྱེད་བྱེད་དེ་ཏོག་དབྱིབས་གཉན་རིམས་བཅོས་པར་རོགས་པ་བྱེད་སྲིད་པའི་སྐོར་ཉམས་ཞིབ་བྱེད་བཞིན་པ་རེད། དཔེར་ན། ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་གཉན་རིམས་-༡༩ ཚབས་ཆེ་ཕོག་པའི་མི་ཚོས་ཆེད་རེམ་ཌི་སི་ཝིར་ཞེས་པའི་གཉན་སྲིན་འགོག་སྨན་ཞིག་སྨན་བཅོས་བྱེད་པའི་གནས་སྐབས་བཀའ་འཁྲོལ་ཐོབ་ཡོད། གྲུམ་ནད་དང་མ་ལེ་རི་ཡ། དེ་བཞིན་ཨེཆ་ཨཡེ་ཝི་འཚུད་པའི་སྨན་གཞན་དག་བརྟག་དཔྱད་བྱེད་བཞིན་ཡོད། སྨན་འདི་དག་གིས་ཏོག་དབྱིབས་གཉན་རིམས་བཅོས་མི་ཐུབ། ཡིན་ནའང་། དེ་དག་གིས་གཉན་རིམས་ཕོག་པའི་མི་གྲངས་ཉུང་དུ་གཏོང་བ་དང་ཚབས་ཆེའི་གནས་སྟངས་ཆུང་དུ་གཏོང་ཐུབ།

དེ་འདྲ་སོང་ཙང་། ལག་པ་གཙང་མ་ཉར་བ་དང་མཁའ་དབུགས་གཙང་མ་འབྱིན་རྔུབ་བྱེད་པ། དེ་བཞིན་ལུས་པོའི་རྒྱང་ཐག་སོར་གནས་བྱེད་པ། གལ་ཏེ་ཁྱེད་རང་བདེ་པོ་མེད་ན་ཁྱིམ་དུ་སྡོད་དེ་བརྟག་དཔྱད་བྱེད་རྒྱུ། གལ་ཏེ་ཁྱེད་ཉིད་སྤྱི་ཚོགས་ཁྱབ་གདལ་ཤུགས་ཆེ་ཡོད་པའི་ས་ཁུལ་ནང་དང་། བྱེ་བྲག་ཏུ་ལུས་པོའི་རྒྱང་ཐག་ལག་བསྟར་བྱེད་རྒྱུ་ཁག་པོ་ཡོད་སར་ཁ་རས་གྱོན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

རྟོག་བཟོ།: ཕྲུ་གུ་རྣམས་ནི་ཏོག་དབྱིབས་གཉན་རིམས་ཀྱི་ ‘ཁྱབ་གདལ་བ་གཙོ་བོ།’ ཡིན་པ།

དངོས་འབྲེལ།: ཚད་རིམས་ལྟ་བུའི་ནད་གཞི་ནང་སྤྱིར་བཏང་ནས་ཕྲུ་གུ་དག་ནི་ནད་འབུ་དང་སྲིན་འབུའི་ ‘ཁྱབ་གདལ་བ་གཙོ་བོ་’ ཡིན་པ་གྲགས་རུང་། ད་ལྟའི་ཏོག་དབྱིབས་གཉན་རིམས་-༡༩ དཔང་རྟགས་ཀྱིས་སློབ་གྲྭའི་ནང་ཕྲུ་གུ་ནས་ཕྲུ་གུ་དབར་གྱི་ཁྱབ་གདལ་དེ་རྒྱུན་ལྡན་མིན་པ་གསལ་ཡོད། ལྷག་དོན་གཉན་སྲིན་འདི་ཁྱབ་གདལ་མང་ཆེ་ཕྲུ་གུ་ནས་བྱུང་གི་ཡོད་པའི་གཞི་ཐོ་དེ་འཛམ་གླིང་ཕྱོགས་གང་དུའང་མེད། ད་ལྟའི་ཆར་དཔང་རྟགས་ཀྱི་གྲུབ་དོན་དུ་ཕྲུ་གུ་དག་ནི་ཏོག་དབྱིབས་གཉན་རིམས་-༡༩ ཡི་གཉན་སྲིན་ཁྱབ་གདལ་བ་གཙོ་བོ་མིན་པའི་བསམ་འཆར་འདོན་ཡོད།

རྟོག་བཟོ།: ཨོ་སི་ཊོ་ལི་ཡ་ཡིས་སྨན་གྱི་ཡོ་ཆས་དང་དགོས་མཁོ་ (རླུང་འགྲོ་ཡོ་ཆས། ཁ་རས། བརྟག་དཔྱད་ཡོ་ཆས།) དག་འདང་ངེས་རྙེད་སོན་བྱེད་ཐུབ་ཀྱི་མེད།

དངོས་འབྲེལ།: ཨོ་སི་ཊོ་ལི་ཡ་ཡིས་ཏོག་དབྱིབས་ནད་པའི་གྲངས་འབོར་ཉུང་དུ་གཏོང་བར་ལེགས་གྲུབ་ཧ་ཅང་བྱུང་ཡོད། དེའི་རྐྱེན་པས་ང་ཚོའི་སྨན་ཁང་སྟེང་གནོན་ཤུགས་སྤྲོད་རྒྱུ་ཐད་འཛེམ་ཟོན་བྱེད་ཐུབ་ཡོད།

ཨོ་སི་ཊོ་ལི་ཡའི་ནང་ང་ཚོ་ལ་སྒེར་སྲུང་ཡོ་ཆས་མང་པོ་ཐོབ་རུང་ཡོད། དེ་དག་མང་ཆེ་བ་ཨོ་སི་ཊོ་ལི་ཡའི་ནང་འདོན་སྤེལ་བྱེད་ཀྱི་ཡོད་པ་དང་དེ་དག་དུས་ཀུན་ཏུ་ཨོ་སི་ཊོ་ལི་ཡའི་ནང་འགྲེམ་སྤེལ་བྱེད་ཀྱི་ཡོད། དཔེར་ན། རྒྱལ་ནང་སྨན་གྱི་རྒྱུ་ཆ་གཉེར་མཛོད་དེ་མུ་མཐུད་ཕུང་གསོག་ནང་ལེགས་པར་གནས་ཡོད་པ་དང་། ༢༠༢༡ བར་དུ་ཁྱར་ཁྱོར་སྐྱེལ་འགྲེམས་ཆེད་ཁ་རས་ཐེར་འབུམ་ཕྱེད་ཀ་བཀོད་ཁྱབ་བཏང་ཡོད།

ཨོ་སི་ཊོ་ལི་ཡ་འགེོས་ནད་དྲྭ་ལམ་དང་མང་ཚོགས་འཕྲོད་བསྟེན་བརྟག་དཔྱད་ཁང་གི་དྲྭ་ལམ་འཚུད་པའི་ཨོ་སི་ཊོ་ལི་ཡའི་གཞུང་གི་སློབ་སྟོན་ཚོགས་པ་དག་གིས། ཏོག་དབྱིབས་གཉན་རིམས་-༡༩ བརྟག་དཔྱད་དགོས་མཁོའི་ལམ་སྟོན་ཐད་བསྐྱར་ཞིབ་བྱེད་པ་དང་། ཏོག་དབྱིབས་གཉན་རིམས་-༡༩ ཡ་ལན་དུ་ང་ཚོའི་མང་ཚོགས་འཕྲོད་བསྟེན་རམ་འདེགས་བྱེད་པའི་དགོས་མཁོའི་ཚོད་ལྟ་བཀོད་འདོམ་ངེས་བརྟན་བྱེད་ཆེད་ཚོགས་འདུ་ཡང་ཡང་འཚོག་གི་ཡོད།

རྟོག་བཟོ།: ཏོག་དབྱིབས་གཉན་རིམས་-༡༩ རྐྱེན་པས་དགོས་མཁོ་ཚད་གཞི་འཕེལ་བ་དེར་ཨོ་སི་ཊོ་ལི་ཡའི་སྨན་ཁང་དག་གིས་གདོང་ལེན་བྱེད་མི་ཐུབ།

དངོས་འབྲེལ།: ཨོ་སི་ཊོ་ལི་ཡ་ཡིས་ཏོག་དབྱིབས་ནད་པའི་གྲངས་འབོར་ཉུང་དུ་གཏོང་བར་ལེགས་གྲུབ་ཧ་ཅང་བྱུང་ཡོད། དེའི་རྐྱེན་པས་ང་ཚོའི་སྨན་ཁང་སྟེང་གནོན་ཤུགས་སྤྲོད་རྒྱུ་ཐད་འཛེམ་ཟོན་བྱེད་ཐུབ་ཡོད། ཨོ་སི་ཊོ་ལི་ཡ་ལ་འཛམ་གླིང་གི་ཚད་གཞི་ལྡན་པའི་འཕྲོད་བསྟེན་ལམ་ལུགས་ཡོད། གལ་ཏེ་ལྡན་དགོས་ཚེ། ཏོག་དབྱིབས་གཉན་རིམས་-༡༩ སྐབས་ཀྱི་དགོས་མཁོ་འཕར་མ་དག་གདོང་ལེན་བྱེད་པར་བཀོད་སྒྲིག་ལེགས་པོ་བྱས་ཡོད། འདིའི་ནང་ཨོ་སི་ཊོ་ལི་ཡའི་གཞུང་དང་མངའ་སྡེ། ས་ཁུལ་གཞུང་དང་སྒེར་གྱི་འཕྲོད་བསྟེན་སྡེ་ཁག་དབར་གྱི་ཚོང་སྦྲེལ་གྱི་འབྲེལ་ལམ་བརྒྱུད་ནས་སྨན་ཁང་གི་ཉལ་ཁྲི་འཕར་མ་དང་སྨན་གྱི་ཡོ་ཆས། དེ་བཞིན་དགོས་མཁོ་དང་ལས་བྱེད་དག་གི་ཤོང་ཚད་དག་འཚུད་ཡོད།

རྟོག་བཟོ།: བདུན་ཕྲག་གཉིས་ཀྱི་ཐེམ་སྤངས་བཀའ་རྒྱ་ཡིས་ཏོག་དབྱིབས་གཉན་རིམས་-༡༩ ཁྱབ་གདལ་མཚམས་འཇོག་བྱེད་ཀྱི་རེད།

དངོས་འབྲེལ།: བདུན་ཕྲག་གཉིས་སམ་གསུམ་རིང་དམ་བསྒྲགས་བྱེད་ཅིང་། དེ་རྗེས་རྒྱུན་ལྡན་འཚོ་བར་ཕྱིར་ལོག་བྱེད་པ་ཡིས་ཏོག་དབྱིབས་གཉན་རིམས་-༡༩ ཡི་ཁྱབ་གདལ་མཚམས་འཇོག་བྱེད་ཀྱི་མ་རེད།

ཏོག་དབྱིབས་གཉན་རིམས་-༡༩ ཕོག་པའི་སྐྱེ་བོ་མང་ཆེ་ལ་ནད་རྟགས་ཚབས་ཆེ་མེད་པའམ་ནད་རྟགས་མེད་པ་ཡོད། བདུན་ཕྲག་གཉིས་ཁོ་ནའི་ཐེམ་སྤངས་བཀའ་རྒྱའི་ཉེན་ཁ་ནི། ཐེམ་སྤངས་བཀའ་རྒྱ་རྗེས་ཆ་ཚང་སྒོ་ཕྱེ་སྐབས་ནད་རྟགས་མི་མངོན་པའི་ཏོག་དབྱིབས་གཉན་རིམས་-༡༩ ཕོག་པའི་མི་རྣམས་ཀྱིས་མི་ཤེས་པའི་ཐོག་ནས་གཉན་སྲིན་དེ་མི་གཞན་སྟེང་ཁྱབ་གདལ་གཏོང་བ་ཡིན།

ཏོག་དབྱིབས་གཉན་རིམས་-༡༩ ཁྱབ་གདལ་དལ་དུ་གཏོང་བའི་ཐབས་ལམ་ལེགས་ཤོས་ནི། ལག་པ་གཙང་མ་ཉར་བ་དང་མཁའ་དབུགས་གཙང་མ་འབྱིན་རྔུབ་བྱེད་པ། དེ་བཞིན་ལུས་པོའི་རྒྱང་ཐག་སོར་གནས་བྱེད་པ། གལ་ཏེ་ཁྱེད་རང་བདེ་པོ་མེད་ན་ཁྱིམ་དུ་སྡོད་དེ་བརྟག་དཔྱད་བྱེད་པ། གལ་ཏེ་ཁྱེད་ཉིད་སྤྱི་ཚོགས་ཁྱབ་གདལ་ཡོད་སའི་ནང་ཡོད་སྐབས་དང་ལུས་པོའི་རྒྱང་ཐག་ལག་བསྟར་མི་ཐུབ་པའི་སྐབས་ཁ་རས་གྱོན་རྒྱུ་དེ་ཡིན།

ང་ཚོའི་འཕྲོད་བསྟེན་མཁས་དབང་རྣམས་ཀྱིས་མུ་མཐུད་ནས་ཨོ་སི་ཊོ་ལི་ཡའི་ནང་གི་ཉིན་རེའི་གནས་སྟངས་གསར་པའི་གྲངས་འབོར་དང་ཁྱབ་གདལ་གང་དུ་འགྲོ་ཡི་ཡོད་པ་ལྟ་རྟོག་བྱེད་ཀྱི་ཡོད། དེ་ནས་ཁོང་ཚོས་གཏན་འབེབ་བྱེད་དགོས་པའི་སྒྲིག་གཞི་འམ་དམ་བསྒྲགས་གསར་པ་གང་ཡང་གི་དཔང་རྟགས་གཞིར་བཞག་ཐོག་འོས་སྦྱོར་བྱེད་ཀྱི་ཡོད། མི་ཚང་མས་  www.australia.gov.au སྟེང་བསྐྱོད་པའི་སྒོ་ནས་ད་ལྟའི་དམ་བསྒྲགས་དག་གི་གོ་རྟོགས་ཐད་དུས་མཐུན་གནས་དགོས།

རྟོག་བཟོ།: མི་ཚང་མར་བརྟག་དཔྱད་བྱེད་པ་ཡིས་ཏོག་དབྱིབས་གཉན་རིམས་ཀྱི་ཁྱབ་གདལ་མཚམས་འཇོག་བྱེད་ཀྱི་རེད།

དངོས་འབྲེལ།: བརྟག་དཔྱད་བྱེད་པས་ཏོག་དབྱིབས་གཉན་རིམས་ཀྱི་ཁྱབ་གདལ་མཚམས་འཇོག་བྱེད་ཀྱི་མ་རེད།

ཏོག་དབྱིབས་གཉན་རིམས་-༡༩ ཡི་སྔོན་འགོག་དང་ཚོད་འཛིན་ནང་གི་གཞི་རྩའི་ཀ་བ་ནི། བརྟག་དཔྱད་ཚོད་ལྟ་དེ་དུས་ཐོག་དང་ཚད་འཇལ་ཐུབ་པ། དེ་བཞིན་ཞིབ་ཚགས་ལྡན་པ་དགོས། བརྟག་དཔྱད་ཚོད་ལྟ་ཡིས་ནད་གཞིའི་ནད་ཡམས་དཔྱད་རིག་འགྲེལ་བརྗོད་དང་། གནས་སྟངས་བརྡ་ལན་སྤྲོད་པ་དང་འབྲེལ་གཏུག་སྟངས་འཛིན། མཐར་ཐུག་ཁྱབ་གདལ་དལ་དུ་གཏོང་བའི་ནང་བྱེད་སྒོ་གལ་ཆེན་བྱེད་ཀྱི་ཡོད།

གལ་ལྟར་ཡང་། ཏོག་དབྱིབས་གཉན་རིམས་-༡༩ བརྟག་དཔྱད་དུ་ནེ་གེ་ཊིབ་ཐོན་པ་ཡིས་ཁྱེད་ཉིད་ཉེན་ཚབས་སྟེང་མེད་པའམ་གཞན་སྟེང་ཉེན་ཚབས་མེད་པ་མི་མཚོན་པ་ཡིན། ཁྱེད་ཉིད་ SARS-CoV-2 (ཏོག་དབྱིབས་གཉན་རིམས་-༡༩ བཟོས་པའི་གཉན་སྲིན།) ཕོག་པའི་རྗེས་ཏོག་དབྱིབས་གཉན་རིམས་-༡༩ བརྟག་དཔྱད་དུ་ནེ་གེ་ཊིབ་ཐོན་སྲིད་པ་ཡིན། དེ་ཡང་། ཁྱེད་ཀྱི་ནད་རྟགས་དག་མི་མངོན་གོང་བྱུང་བ་ཡིན།  དེ་འདྲ་སོང་ཙང་། འཕྲོད་བསྟེན་ལེགས་པོ་བསྟེན་པ་དང་ལུས་པོའི་རྒྱང་ཐག་སོར་གནས་བྱེད་པ། བདེ་པོ་མེད་སྐབས་ཁྱིམ་དུ་སྡོད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དམིགས་སའི་བརྟག་དཔྱད་ལྷན་བྱ་སྤྱོད་འདི་དག་གིས་ཏོག་དབྱིབས་གཉན་རིམས་-༡༩ ཁྱབ་གདལ་དང་འགོས་ནད་གཞན་དག་སྔོན་འགོག་བྱེད་དེ་ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་ལམ་ལུགས་སྟེང་དགོས་མཁོ་ཉུང་དུ་གཏོང་བའི་རོགས་པ་བྱེད་ཀྱི་ཡོད།

ས་ཁུལ་ཞིག་ནང་ནད་པའི་གྲངས་འབོར་མང་དུ་ཕྱིན་པ་དང་གློ་བུར་ཁྱབ་གདལ་བྱུང་སྐབས་སྤྱི་ཚོགས་འཕྲོད་བསྟེན་སྟངས་འཛིན་ཚགས་ཚུད་ཆེད། བརྟག་དཔྱད་ཀྱི་རིམ་པ་དེ་ངེས་པར་དུ་ནད་ཡམས་སྟངས་འཛིན་བྱེད་རྒྱུ་དང་། བརྟག་དཔྱད་ཁང་དང་བརྟག་དཔྱད་ས་ཚིགས་ཀྱི་ནུས་པ་རྒྱུན་གནས་ངང་ཉར་ཚགས་ཐད་སྲུང་སྐྱོབ་བྱེད་རྒྱུ་གཉིས་པོའི་དབར་ཆ་སྙོམ་ཡོང་བར་དོ་ནན་ངང་དམིགས་དགོས་པ་ཡིན།  

ནད་རྟགས་མེད་པ་ (ནད་རྟགས་མི་མངོན་པ།) སྟོན་པའི་ཨོ་སི་ཊོ་ལི་ཡའི་མི་མང་གི་རྒྱ་ཁྱབ་བརྟག་དཔྱད་བྱེད་རྒྱུའི་ཐད་དགག་པ་ཤུགས་ཆེ་བྱེད་ཀྱི་ཡོད། བརྟག་དཔྱད་འཐབ་བྱུས་འདི་ནི་ནད་ཡམས་དཔྱད་རིག་སྒོ་ནས་ཕན་ནུས་ཅན་མིན་ལ། ནད་གཞི་ཁྱབ་གདལ་ངོས་འཛིན་ཐུབ་པའི་རིན་གོང་འོས་བབ་ལྡན་པའི་ཐབས་ལམ་ཞིག་མིན། ཨོ་སི་ཊོ་ལི་ཡའི་གཞུང་གིས་ནད་གཞི་ཚོད་འཛིན་དང་གསང་ཞིབ་མྱུལ་ལྟ་དགོས་དོན་དག་གི་ཆེད། དམིགས་བཀར་འབྲེལ་ཆགས་ནང་ནད་རྟགས་མི་མངོན་པའི་བརྟག་དཔྱད་ཆེད་འགན་འཁྲི་ཞིག་ཡོད་སྲིད་པ་ངོས་འཛིན་བྱེད་ཀྱི་ཡོད།  དམིགས་བཀར་འབྲེལ་ཆགས་འདིའི་ཁོངས་གློ་བུར་ཁྱབ་གདལ་ཀྱི་སྒྲིག་བཀོད། ཁྱབ་གདལ་གྱི་ཉེན་ཚབས་ཆེ་བའི་གྲངས་འབོར་ནས་གནས་ཚུལ་ཉུང་བའི་ས་གནས། ནད་ཡམས་ཕོག་རྒྱུར་མངོན་གསལ་ངང་ཉེན་ཚབས་ཆེ་བའི་གྲངས་འབོར། དེ་བཞིན་གལ་སྲིད་འགོས་ནད་བྱུང་ཚེ་ཚབས་ཆེན་གྱི་ནད་གཞིའི་ཉེན་ཁ་ཆེ་བ་སྟེ་ཁྱབ་གདལ་གྱི་ཉེན་ཚབས་ཆེ་བའི་སྒྲིག་བཀོད་ནང་གི་གྲངས་འབོར་ཡང་ཚུད་པ་ཡིན།  

ཨོ་སི་ཊོ་ལི་ཡའི་གཞུང་གིས་མུ་མཐུད་ནས་བརྟག་དཔྱད་ཀྱི་འཐབ་བྱུང་འོས་སྦྱོར་བྱེད་བཞིན་ཡོད་ལ། འདིའི་ཁོངས་ནད་རྟགས་མི་མངོན་པའི་མིའི་ཆེད་ལས་ཀའི་ས་ཚིགས་སུ་དབྱེ་སེལ་ལས་གཞི་དང་། དེ་ཡང་འབྲེལ་ཡོད་སྤྱི་ཚོགས་འཕྲོད་བསྟེན་གྱི་དབང་འཛིན་པ་དག་དང་། བརྟག་དཔྱད་ཁང་གི་ངེས་སྟོན་པ་དག་གི་ལྷན་གོ་བསྡུར་ངང་བཟོ་བསྐྲུན་དགོས་པ་ཡིན།  འདི་ནི་ཆེས་འོས་མཚམས་དང་ནུས་ལྡན་ཐབས་ལམ་དག་བཀོལ་སྤྱོད་བྱས་པ་ངེས་བརྟན་བྱེད་ཆེད་ཡིན། རྒྱ་ཁྱབ་ཆེ་བའི་ནད་རྟགས་མི་མངོན་པའི་ཚོད་ལྟའི་ཐད་ཨོ་སི་ཊོ་ལི་ཡའི་གཞུང་གི་གནས་བབ་སྐོར་གྱི་ཆ་འཕྲིན་མང་བའི་ཆེད།  འཕྲོད་བསྟེན་ལྷན་ཁང་གི་དྲྭ་ཚིགས། སྟེང་གཟིགས་རོགས་གནང་།

རྟོག་བཟོ།: བརྟག་དཔྱད་ཡོ་ཆས་དག་ཞིབ་ཚགས་མེད།

དངོས་འབྲེལ།: ཨོ་སི་ཊོ་ལི་ཡའི་ནང་། ཏོག་དབྱིབས་གཉན་རིམས་-༡༩ བརྟག་དཔྱད་དག་ཧ་ཅང་ཞིབ་ཚགས་ཡོད། ཨོ་སི་ཊོ་ལི་ཡའི་ནང་བེད་སྤྱོད་བྱེད་པའི་བརྟག་དཔྱད་ཐབས་ལམ་ཆ་ཚང་ཁྱབ་ཆེ་ངང་ནུས་པ་ལྡན་པ་ཡིན། འདི་དག་མུ་མཐུད་ནས་གསོ་དཔྱད་ཅ་དངོས་སྒྲིག་འཛུགས་ (ཊི་ཇི་ཨེ།) ཀྱིས་དོ་ནན་ངང་བྱ་ར་བྱེད་བཞིན་པ་དང་། དེ་བཞིན་ SARS-CoV-2 (ཏོག་དབྱིབས་གཉན་རིམས་-༡༩ བཟོ་མཁན་གྱི་གཉན་སྲིན།) ཆེད་བྱེ་བྲག་ཏུ་བསྐྲུན་པའི་སྤུས་ཚད་ངེས་པའི་ལས་གཞི་ནང་དགོས་ངེས་མཉམ་ཞུགས་བྱེད་བཞིན་པ་ཡིན།

ཨོ་སི་ཊོ་ལི་ཡའི་ནང་། བརྟག་དཔྱད་ཁང་གི་གཞིར་བཞག་མང་སྦྱོར་སྨིན་ཚད་ཀྱི་བསྟར་ཆགས་འདྲེས་འགྱུར་ཚོད་ལྟ་ (PCR) ནི་རང་ཉིད་ཀྱི་ལུས་པོའི་ནང་ SARS-CoV-2 ཡི་འགོས་ནད་བརྟག་དཔྱད་ཆེད་བེད་སྤྱོད་བྱེད་པའི་ཚོད་ལྟ་རིམ་པ་མཐོ་ཤོས་དེ་ཡིན་པ་དང་། ཚོད་ལྟ་འདི་བྱེད་པར་དབུགས་འབྱིན་རྔུབ་ཀྱི་དཔེ་མཚོན་བསྡུ་རུབ་ཀྱི་དགོས་མཁོ་ཡོད།  PCR ཚོད་ལྟ་དག་ནི་ཧ་ཅང་སྐྱེན་པོ་ཡོད་པ་དང་དབུགས་འབྱིན་རྔུབ་ཀྱི་དཔེ་མཚོན་ནང་གི་ SARS-CoV-2 སྟེང་དམིགས་བཀར་ཡོད་པའི་རིགས་རྒྱུན་ཆག་གྲུམ་ཆུང་ཤོས་ཀྱང་རྩད་གཅོད་ཐུབ་ཀྱི་ཡོད།

གྲུབ་འབྲས་དག་གི་སྤུས་ཚད་དང་ཁུངས་ལྡན་ངེས་བརྟན་བྱེད་པ་དང་དེའི་ཁྲིམས་མཐུན་དགོས་མཁོ་ནུས་ལྡན་བཟོ་བར། ཨོ་སི་ཊོ་ལི་ཡའི་ནང་གི་བརྟག་དཔྱད་འཕྲུལ་རིག་གསར་པ་གང་ཡང་ལ་ཊི་ཇི་ཨེ་ཡི་དཔྱད་ཞིབ་གཟབ་ནན་ལྡན་དགོས།  ཨོ་སི་ཊོ་ལི་ཡའི་གསོ་དཔྱད་དངོས་རྫས་ཀྱི་དེབ་གཞུང་ཐོག་འཚུད་པའི་ཏོག་དབྱིབས་གཉན་རིམས་-༡༩ སྐོར་གྱི་དུས་མཐུན་གྱི་ཆ་འཕྲིན་ཆེད། ཊི་ཇི་ཨེ་ཡི་དྲྭ་ཚིགས་ www.tga.gov.au/covid-19-test-kits-included-artg-legal-supply-australia སྟེང་བསྐྱོད་རོགས་གནང་།

རྟོག་བཟོ།: ཏོག་དབྱིབས་གཉན་རིམས་ནི་མགོ་སྐོར་གཏོང་ཐབས་ཤིག་རེད།                     

དངོས་འབྲེལ།: ཏོག་དབྱིབས་གཉན་རིམས་-༡༩ ནི་ཏོག་དབྱིབས་གཉན་སྲིན་ (SARS-CoV-2) གྱིས་བཟོས་ཤིང་། འདི་ནི་མི་དང་སེམས་ཅན་གཉིས་ཀའི་ནང་དབུགས་གཏོང་ལེན་གྱི་འགོད་ནད་བཟོ་ཐུབ་མཁན་གྱི་གཉན་སྲིན་ཁྱིམ་ཚང་ཆེན་པོ་ཞིག་གི་ཆ་ཤས་ཤིག་ཡིན།  འགོས་ནད་འདིའི་ཁོངས་ཆམ་ནད་ནས་ཉེན་ཚབས་ཆེ་བའི་ནད་གཞི་སྟེ་རྣམ་པ་མང་པོ་ལྡན་པ་ཡིན། ཏོག་དབྱིབས་གཉན་རིམས་-༡༩ ནི་མི་ཕན་ཚུན་དབར་ཐིིིགས་པ་དང་ས་དངོས་བཙོག་པ་བརྒྱུད་ནས་ཁྱབ་པ་ཡིན། 

ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་འགོས་ནད་དང་ལུས་སྲུང་ཆེད་པི་ཊར་ཌོ་ཧར་ཊི་ཚོགས་པ་ཡི་ཝིཀ་ཊོ་རི་ཡེན་འགོས་ནད་དཔྱད་གཞིའི་བརྟག་དཔྱད་ཁང་(VIDRL) ནི་རྒྱ་ནག་གི་ཕྱི་རོལ་དུ་ SARS-CoV-2 ལོགས་སུ་དབྱེ་འདོན་ཐུབ་མཁན་གྱི་བརྟག་དཔྱད་ཁང་ཐོག་མ་དེ་རེད།  VIDRL ཡིས་ལོགས་སུ་དབྱེ་འདོན་ཟིན་པའི་གཉན་སྲིན་དེ་ཨོ་སི་ཊོ་ལི་ཡའི་བརྟག་དཔྱད་ཁང་གཞན་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས། དེ་བཞིན་རྒྱལ་ཁབ་གཞན་ལྷན་མཉམ་སྤྱོད་བྱེད་ཅིང་། འདིས་ཏོག་དབྱིབས་གཉན་རིམས་-༡༩ ཆེད་ངོས་འཛིན་བརྟག་དཔྱད་དེ་བཟོ་བསྐྲུན་དང་། ཁུངས་ཐུབ་ཡོང་བ། རྒྱབ་གཉེར་བཅས་ནུས་ལྡན་ཡོང་བ་བྱས་ཡོད།

SARS-CoV-2 རྩད་གཅོད་དང་ངེས་བརྟན་ཆེད་འཇོན་ཐང་དང་འོས་མཚམས་ཀྱི་ངོས་འཛིན་ལྡན་པའི་སྒེར་དང་གཞུང་གི་ནད་རིགས་བརྟག་དཔྱད་ཀྱི་བརྟག་དཔྱད་ཁང་ཆེད་ལས་མང་དག་ཅིག་གིས་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་ནི་ཨོ་སི་ཊོ་ལི་ཡའི་བསོད་ནམས་རེད། བརྟག་དཔྱད་ཁང་འདི་དག་གིས་བརྟག་དཔྱད་གྲངས་འབོར་ཤུགས་ཆེ་རུ་བཏང་པའི་ནུས་པ་ཡིས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་ཉུང་དུ་གཏོང་བ་དང་། རྒྱལ་ཁབ་གཞན་ནང་མངོན་པའི་ནད་པའི་གྲངས་འབོར་ཚབས་ཆེའི་གནོད་སྐྱོན་སྔོན་འགོག་ཆེད་ཕན་ཐོགས་ཆེན་པོ་བྱུང་ཡོད།  ཏོག་དབྱིབས་གཉན་རིམས་-༡༩ ཡི་ནད་པའི་གྲངས་འབོར་དང་། ནད་གཞི་འདིའི་རྐྱེན་ཚེ་འདས་གྱུར་བའི་གྲངས་འབོར་གྱི་ཆ་འཕྲིན་ནི་ཨོ་སི་ཊོ་ལི་ཡའི་ནང་དང་འཛམ་གླིང་གང་སར་ཕྱོགས་བསྡུ་བྱེད་བཞིན་ཡོད་པ་རེད། གཞི་ཐོ་དག་ནི་ ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་ལྷན་ཁང་ གིས་ཁྱབ་སྤེལ་བྱེད་ཀྱི་ཡོད།

རྟོག་བཟོ།: ཁ་རས་དག་ནུས་ལྡན་མེད་པ་དང་། ཡང་ན། བདེ་འཇགས་མེད།

དངོས་འབྲེལ།: གཙང་སྦྲ་ལེགས་པོ་བསྟེན་པ་དང་ལུས་པོའི་རྒྱང་ཐག་སོར་གནས་བྱེད་པ། དེ་བཞིན་བདེ་པོ་མེད་སྐབས་ཁྱིམ་དུ་སྡོད་དེ་བརྟག་དཔྱད་བྱེད་པ་ལྟ་བུའི་ཉེན་གཡོལ་གཞན་དག་ལྷན་ཁ་རས་བེད་སྤྱོད་བྱེད་སྐབས། ཏོག་དབྱིབས་གཉན་རིམས་-༡༩ ཁྱབ་གདལ་དལ་དུ་གཏོང་བའི་རོགས་པ་བྱེད་ཐུབ།

དབུགས་འབྱིན་རྔུབ་ཀྱི་གཉན་སྲིན་མང་ཆེ་བ་བཞིན། SARS-CoV-2 (ཏོག་དབྱིབས་གཉན་རིམས་-༡༩ བཟོ་བའི་གཉན་སྲིན།) ནི་གཉན་སྲིན་ཡོད་པའི་ཐིགས་པ་ཡིས་ཁྱབ་གདལ་གཙོ་བོ་གཏོང་གི་ཡོད། དེ་ནི་འགོས་ནད་ཡོད་པའི་མི་ཞིག་གིས་སྐད་ཆ་བཤད་པ་དང་གློ་རྒྱག་པའམ་ཧབ་སྦྲིད་རྒྱག་སྐབས་འདོན་སྤེལ་བྱེད་ཀྱི་ཡོད།  སྦག་བཙོག་ཡོད་པའི་ཕྱི་ངོས་དག་བརྒྱུད་ནས་ཀྱང་ཁྱབ་གདལ་འགྲོ་ཐུབ། ནད་རྟགས་ཡོད་པའམ་མེད་པ་དང་ཏོག་དབྱིབས་གཉན་རིམས་-༡༩ འཚུད་པའི་དབུགས་འབྱིན་རྔུབ་ཀྱི་འགོས་ནད་ཡོད་པའི་མི་རྣམས་ཀྱིས་ཁ་རས་བེད་སྤྱོད་བྱེད་ཆོག དེ་ཡང་། འགོས་ནད་ཡོད་པའི་དབུགས་འབྱིན་རྔུབ་ཀྱི་ཐིགས་པ་ཁྱབ་གདལ་ཉུང་དུ་གཏོང་བའི་སྒོ་ནས། གཞན་དག་སྲུང་སྐྱོབ་བྱེད་ཆེད་ཁ་རས་གྱོན་དགོས། ཁ་རས་དག་ནི་འཕྲོད་བསྟེན་དང་ལྟ་སྐྱོང་ལས་མི་རྣམས་ཀྱིས་ཏོག་དབྱིབས་གཉན་རིམས་-༡༩ འཚུད་པའི་དབུགས་འབྱིན་རྔུབ་འགོས་ནད་ཡོད་པའི་མི་ནས་ལུས་པོའི་རྒྱང་ཐག་སོར་གནས་མི་ཐུབ་པའི་སྐབས། སོ་སོས་རང་ཉིད་སྲུང་སྐྱོབ་བྱེད་པར་བེད་སྤྱོད་བྱེད་ཀྱི་ཡོད།

ཁ་རས་གྱོན་རྒྱུ་ནི་ཏོག་དབྱིབས་གཉན་རིམས་-༡༩ ཁྱབ་གདལ་དལ་དུ་གཏོང་བའི་ཐབས་ལམ་ཁོ་ན་དེ་ཡིན་པ་དང་། ཉེན་གཡོལ་གཞན་དག་གི་ཆེད་ཚབ་བྱེད་མི་ཐུབ། ལག་པ་གཙང་མ་ཉར་བ་དང་མཁའ་དབུགས་གཙང་མ་འབྱིན་རྔུབ་བྱེད་པ། དེ་བཞིན་ལུས་པོའི་རྒྱང་ཐག་སོར་གནས་བྱེད་པ་དང་། བདེ་པོ་མེད་སྐབས་ཁྱིམ་དུ་སྡོད་དེ་བརྟག་དཔྱད་བྱེད་རྒྱུ་དག་མུ་མཐུད་ནས་ལག་བསྟར་བྱེད་རྒྱུ་གལ་ཆེན་པོ་ཡིན།

ཁ་རས་གྱོན་པ་ཡིས་བདེ་འཇགས་མེད་པ་བཟོས་པའམ། དེ་ཡིས་སྲོག་རླུང་མ་འདང་བ་བྱུང་བ་ལྟ་བུའི་དཀའ་རྙོག་བཟོས་པའི་དཔང་རྟགས་མེད། དཀའ་རྙོག་འདི་དག་མེད་པའི་སྒོ་ནས་འཕྲོད་བསྟེན་ལྟ་སྐྱོང་ཞབས་ཞུ་བ་རྣམས་ཀྱིས་ལོ་མང་པོའི་རིང་དུས་ཡུན་རིང་པོ་རིང་ཁ་རས་གྱོན་ཡོད།

 

ཏོག་དབྱིབས་གཉན་རིམས་-༡༩ སྟེང་ཨོ་སི་ཊོ་ལི་ཡའི་གཞུང་གི་ཡ་ལན་ནང་གི་གོང་སྤེལ་གཙོ་བོ་དག་སྐོར་གྱི་གོ་རྟོགས་གནས་པར་དྲྭ་ཚིགས་འདི་རྒྱུན་དུ་ལྟ་སྤྱོད་བྱ།

SBS ལ་ཡང་ཁྱེད་ཀྱི་སྐད་ཡིག་ནང་གི་ཏོག་དབྱིབས་གཉན་རིམས་-༡༩ སྐོར་གྱི་ཆ་འཕྲིན་འདྲ་མིན་ཡོད། གཞུང་འབྲེལ་ཆ་འཕྲིན་ཕབ་སྒྱུར་བྱེད་པར། ཁྱེད་ཀྱིས་ལག་འཁྱེར་ཁ་པར་གྱི་ཉེར་སྤྱོད་དང་བཤར་ལྟ་རྒྱ་ཁྱབ་དག་ཀྱང་བེད་སྤྱོད་བྱེད་ཆོག ཁྱེད་ཀྱི་དགོས་མཁོ་དག་སྐོང་བ་དེ་འཚོལ།

ཨིན་ཡིག་ནང་ཆ་འཕྲིན་འཕར་མ་ལྟ་སྤྱོད་བྱེད་པར། www.australia.gov.au སྟེང་བསྐྱོད།